Articles by alphabetic order
A B C D E F G H I J K L M N O P Q R S T U V W X Y Z
 Ā Ī Ñ Ś Ū Ö Ō
1 2 3 4 5 6 7 8 9 0


Thirty-Seven Mandala Offerings

From Tibetan Buddhist Encyclopedia
Jump to navigation Jump to search




Thirty-Seven Mandala Offerings


ཨོྃ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་ཀྱི་ས་གཞིའི་སྟེང་དུ། ཨོྃ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ།


OM VAJRA BHUMI AH HUM. Great pure golden ground, full of beauty and power. OM VAJRA REKHE AH HUM. Surrounded by an iron fence circle.


ཧཱུྃ་རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ།


In the centre is Mount Meru, the king of mountains. In the east is Purvavideha, in the south is Jambudvipa. In the west is Aparagodaniya and in the north is Uttarakuru. Beside them are Deha and Videha, Chamara and Aparachamara, Satha and Uttaramantrina, Kurava and Kaurava.


རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང། འདོད་འཇོ་བའི་བ། མ་རྨོས་པའི་ལོ་ཏོག འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ།་བློན་པོ་རིན་པོ་ཆེ། གླང་བོ་རིན་པོ་ཆ། རྟ་མཆོག་རིན་པོ་ཆ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོ་ཡི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་པའི་རྒྱལ་མཚན།


The precious mountain, wish granting tree, wish-fulfilling cow and uncultivated harvest, the precious wheel, precious jewel, precious queen, precious minister, precious elephant, precious horse, precious general and great treasure vase. The goddess of grace, garlands, song, dance, flowers, incense, lamps and perfume. The sun, moon, precious parasol, and banner of total victory in all directions.


དབུས་སུ་ལྷ་དང་མི་ཡི་དཔལ་འབྱོར་ཕུན་སུམ་ཚོགས་པ། མ་ཚང་བ་མེད་པ། རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་ལས་འདས་པ་མངོན་པར་བཀང་སྟེ། བདག་ཅག་ལ་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་བའི་ཐར་བའི་ལམ་སྟོན། དཔལ་ལྡན་བླ་མ་དམ་པ་མཆོག་གི་གྲོལ་བྱེད་ཁྲེད་ཀྱི་གདམས་པ་ཟབ་མོ་ཞུ་བའི་ཡོན་དུ་འབུལ་བར་བགྱིའོ། ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ།


In the centre are the riches of gods and men; perfect, lacking nothing, pure and beautiful innumerable offerings and this jeweled mandala. I offer this to my glorious, most holy and kind, root guru for teaching the path to liberation. For the sake of all beings, please accept and transform these offerings to bless us.


བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་ཀུན། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། ། བློ་ཡིས་དམིགས་ནས་བླ་མ་དཀོན་མཆོག་རྣམས་ལ་འབུལ་བར་བགྱི། །ཐུགས་རྗེའི་དབང་གིས་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །


Myself and all beingsbody, speech and mind with all the wealth and virtues of the three times, with unsurpassable mandala of samantabhadra offerings; all these both real and visualised I offer to the yidam and the three jewels, out of your great compassion, please accept and bless me.


ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། ། སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །


The great earth covered with perfume and flowers, the four continents, sun and moon. I offer to the Buddha field. By this merit may all beings partake in the pure lands of Buddha.


གུ་རུ་ཨེ་དྃ་རཏྣ་མཎྜལ་ཀྃ་ནིརྱ་ཏ་ཡ་མི


GURU IDAM RATNA MANDALA KANG NIRYATAYAMI




Source

{http://khentrulrinpoche.com/practice/materials/long-motivation/#vajrasattva}